[124B] །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའི་གནས་ན་ནོར་བུ་རིན་པོ་ཆེ་དཔལ་གྱི་ སྙིང་པོ་སྤྲིན་གྱི་དཀྱིལ་འཁོར་ཆེན་པོའི་ཁང་པ་བརྩེགས་པ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང། ཀླུའི་རྒྱལ་པོའི་ཚོགས་ ཆེན་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་དང་རྒྱ་མཚོ་དང། མ་དྲོས་པ་དང། གཟི་ཅན་དང། ཆུ་ལྷ་དང། འཇོག་པོ་དང། ཡུལ་འཁོར་སྲུང་ དང། ནོར་རྒྱས་ཀྱི་བུ་དང། ཀླུའི་རྒྱལ་པོ་བཏང་བཟུང་དང། ས་སྲུང་གི་བུ་དང། མདོངས་བུ་དང། དཔལ་གྱི་གཟི་བརྗིད་དང། དཔལ་བཟང་དང། གློག་གི་ཕྲེང་བ་ དང། གཙུག་ན་ནོར་བུ་རིན་པོ་ཆེ་དང། གཙུག་ན་ནོར་བུ་ཐོགས་དང། སྣང་ལྡན་གཙུག་ཕུད་ཅན་དང། གཙུག་ཕུད་འཇའ་ཅན་དང་ཀླུའི་རྒྱལ་པོ་དབང་པོའི་རྒྱལ་ མཚན་དང། དབང་པོའི་མཆོད་སྡོང་དང། འཛམ་བུའི་རྒྱལ་མཚན་དང། བཀྲ་ཤིས་ལྡན་དང། དཀྱིལ་འཁོར་ཆེན་པོ་ཅན་དང། ལག་གིས་འགྲོ་ཆེན་པོ་དང་ [125A]༄༅། །སྐར་མདོག་དང། ཟླ་བའི་གཟི་བརྗིད་དང། དཔལ་གྱི་བློ་གྲོས་དང། ཟླ་མཐོང་དང། ཀླུའི་རྒྱལ་པོ་ལེགས་མཐོང་དང་ ཤིན་ཏུ་བརྟན་དང། མགུལ་ན་ནོར་བུ་དང། སྤྲིན་བྱུང་དང། ཆར་རྒྱུན་དང། རབ་འཇོམས་དང། རྣམ་པར་འཇོམས་དང། མཐུ་བསྒྱིངས་དང། གདེངས་ཀ་ ཆེན་པོ་དང། དབྱངས་ཟབ་དང། ཀླུའི་རྒྱལ་པོ་ཆེར་སྒྲོག་དང་རྣམ་པར་སྒྲ་འབྱིན་དང། ཨུཏྤ་ལ་དང། རྩལ་ཆེན་དང། གཤོལ་མདའ་འཛིན་དང་ སྣ་ཚོགས་སྡེ་དང། ཞགས་པ་ཆེན་པོ་དང། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང། ཀུན་ཏུ་སྣང་དང། རྣ་རྩུབ་དང། དུང་དང། དར་དར་དང། ཀླུའི་རྒྱལ་པོ་ཨུ་ བ་དར་དར་དང། བདེ་བྱེད་དང། ལག་འགྲོ་དང། ལག་འགྲོ་ཆེན་པོ་དང། དྲི་མ་ཆེན་པོ་དང། འཕུར་ལྡིང་དང། སོག་མ་མེད་དང་འཕྱང་བ་དང། སྲིན་བུ་ གནས་དང། ནག་པོ་དང། ཀླུའི་རྒྱལ་པོ་དབང་པོ་སྡེ་དང། འདམ་བུ་དང། ཉེ་བའི་འདམ་བུ་དང། དུང་ཐོགས་དང། འགྲོ་ལྡིང་དང་རབ་མཛེས་དང། གླང་ ཆེན་སྣ་དང། རྣོན་པོ་དང། སེར་སྐྱ་དང། གློག་འབར་དང། གློག་འོད་ཆེན་པོ་དང། སྟོབས་ལྷ་དང། ཆུ་སྟོབས་དང། ཀླུའི་རྒྱལ་པོ་དམ་པ་འགེབས་དང། བདུད་ [125B] མུ་སྟེགས་ཅན་དང། བཻ་ཌཱུརྱའི་འོད་ཅན་དང། གསེར་མདོག་སྒྲ་དང། གསེར་འོད་དང། ཟླ་བའི་རྒྱལ་མཚན་འོད་དང། ཉི་འོད་དང། འཆར་པ་དང། བ་ ལང་མགོ་དང། ཀླུའི་རྒྱལ་པོ་དཀར་པོ་དང། ནག་པོ་དང། གཤིན་རྗེ་དང། དགེ་ཚུལ་དང། སྦལ་པ་དང། ངང་པའི་གཟི་བརྗིད་དང་མུ་ཁྱུད་འཛིན་དང། ས་ འཛིན་དང། མགོ་སྟོང་ཅན་དང། གཙུག་ན་ནོར་བུ་དང། ཀླུའི་རྒྱལ་པོ་དོན་ཡོད་མཐོང་བ་དང། སྤྲིན་ཆེན་དང། སྡེ་བཟང་དང། ས་སྐྱོང་དང། མིས་བྱིན་དང་ རྣམ་པར་དུལ་དང། དགའ་བ་འབྱུང་དང། ཆུ་སྲིན་ཀུམྦྷི་ར་དང་ཆུ་སྲིན་ཀུམྦྷི་རའི་གདོང་དང། དུག་འཛིན་དང། ཀླུའི་རྒྱལ་པོ་མྱུར་གདུག་དང། པདྨ་ཀ་དང་ མཇུག་མ་དང། རབ་འཕྱང་དང། འཇིགས་བྱེད་དང། གཟི་བརྗིད་མཛེས་དང། མགོ་ལྔ་པ་དང། བལ་ལི་ར་དང། ཤིང་རྟས་རྒྱལ་དང་ཀླུའི་རྒྱལ་པོ་བླ་ མ་དང། ཀླུའི་རྒྱལ་པོ་མཇུག་རིང་དང། མགོ་བོ་ཆེ་དང། པིམྦི་ཀ་དང། བི་ཏ་ར་དང། མགྱོགས་འགྲོ་དང། ཀླུའི་རྒྱལ་པོ་མགོ་གསུམ་པ་དང། ཀླུ་སྡེ་དང། གཟི་ ཆེན་དང། འདམ་བུ་བྱིན་དང། ཀླུའི་རྒྱལ་པོ་སྐྲག་བྱེད་དང། འོད་འབར་དང། མགོ་བདུན་པ་དང། སྡོང་ཆེན་དང། མཐོང་དགའ་དང་རབ་ཏུ་ཆེར་གཏུམ་དང་ [126A]༄༅། །དྲི་མེད་གཟི་བརྗིད་དང། མིག་བཟང་དང། དྲག་པོ་ཆེན་པོ་དང། འོད་འཕྲོ་ཕུང་པོ་དང། ཀླུའི་རྒྱལ་པོ་གཏུམ་པོ་དང། ཁྲོ་བོ་དྲག་ཤུལ་ ཅན་དང། རིན་ཆེན་ཆུ་སྦྱིན་དང། ཆུ་སྦྱིན་སྤྲིན་ཆེན་དང་དབང་པོའི་འོད་དང། རྐང་པས་འཐུང་དང། སྤྲིན་ཟླ་དང། རྒྱ་མཚོའི་སྤྲིན་དང། མེ་ཏོག་དྲི་ཆེན་པོ་ དང། ཀུ་མུ་དའི་འབྱུང་གནས་དང། ཀླུའི་རྒྱལ་པོ་རིན་ཆེན་མིག་དང། ཏོག་ཆེན་པོའི་རྒྱལ་མཚན་དང། སྤྲིན་ཆེན་སྙིང་པོ་དང་ཁ་བ་ཅན་དང། དཔལ་ གྱི་སྙིང་པོ་དང། སྤྲིན་མཐུ་ཅན་དང། མཚན་མོ་འཛིན་དང། ཆུ་སྦྱིན་དང། ཆུ་སྦྱིན་ཆེན་པོ་དང། ཀླུའི་རྒྱལ་པོ་གཟི་བརྗིད་མེ་འདྲ་དང། སྤྲིན་གྱི་དབང་ཕྱུག་ རྒྱལ་པོ་དང། ཁྲོ་མེད་དང། སའི་བུམ་པ་དང། ཀླུ་དཔའ་དང་ཆུ་འཛིན་དང། སྤྲིན་གདུགས་དང། ཨང་གི་རའི་གདོང་དང། ཀླུའི་རྒྱལ་པོ་གཟི་ཅན་ དང། སྤྲིན་ལས་མངོན་བྱུང་དང། ཀླུའི་རྒྱལ་པོ་གོམ་སྟབས་མཐའ་ཡས་དང། ཆ་བྱད་མཛེས་དང། ལུས་ཆེན་དང། སྤྱད་ལྟོ་དང། ཞི་བ་དང། དཔའ་བ་དང་ གསེར་དད་ཅན་དང། མཆོག་ཏུ་བརྩོན་དང། དུག་དྲག་དང། དབྱངས་སྙན་དང། ཀླུའི་རྒྱལ་པོ་བདུད་རྩི་སྙིང་པོ་དང། རབ་ཏུ་ཆར་འབེབས་ཆེན་པོ་དང། རྣམ་པར་ [126B] འབྲུག་སྒྲ་དང། རྔ་སྒྲ་དང། བདུད་རྩིའི་རྒྱུན་དང། དགའ་བར་བྱེད་པ་དང། འབྲུག་སྒྲོག་དང། དཔའ་སྡེ་དང། སྲེད་མེད་ཀྱི་བུ་དང། རྒྱ་མཚོའི་ཀློང་དང།། ཀླུའི་རྒྱལ་པོ་ཡོན་པོ་དང། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་འདུས་ཏེ་འཁོད་པ་དང་ཐབས་ཅིག་ཏུ་ བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་དེ་དག་འཁོར་དང་བཅས་ཏེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བླ་མ་ལ་གུས་པ་དང། ཕུ་དུད་ཆེན་པོ་བྱེད་པས། མེ་ཏོག་དང་བདུག་པ་དང། སྤོས་ དང། ཕྲེང་བ་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང་གདུགས་དང། རྒྱལ་མཚན་དང། བ་དན་དང། དར་གྱི་ལྡ་ལྡི་དང་རོལ་མོའི་སྒྲ་དང་ སིལ་སྙན་དང། ཕེག་རྡོབ་པ་དང། གླུ་དབྱངས་དང། རིན་པོ་ཆེའི་མེ་ཏོག་དང། རིན་པོ་ཆེའི་ལྔ་ལྡི་དང། མུ་ཏིག་གི་ཕྲེང་བ་དང། ཀླུའི་མེ་ཏོག་དང། མུ་ཏིག་ གི་དྲ་བ་མཆོག་ཏུ་མཛེས་པ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་གྲངས་མེད་པ་དག་བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་ [127A]༄༅། །གཅིག་ཏུ་འདུག་ནས་སྨོན་ལམ་རྣམས་བཏབ་པ། ལུས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ སྙེད་ཀྱི་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དང། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ཐམས་ཅད་ དང། ས་དང། ཆུ་དང། མེ་དང། རླུང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་དང། གཟུགས་སུ་སྣང་བ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ལས་ རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་ཀྱི་སྤྲིན་རྒྱ་མཚོ་བགྲངས་པའི་རྒྱ་མཚོ་ཐམས་ཅད་ལས་ཡང་དག་པར་འདས་པ། གྲངས་མེད། དཔག་ཏུ་མེད། བསམ་ གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ལས་ཡང་དག་པར་འདས་པ་དག་དང། ལུས་རེ་རེ་ལ་ཡང་ལག་པ་རྒྱ་མཚོའི་སྤྲིན་ ཕྱོགས་ཀུན་གྱི་རྒྱུན་ཏུ་མངོན་པར་ཕྱོགས་པ། དཔག་ཏུ་མེད་པ་གྲངས་མེད་པ་དག་བྱིན་གྱིས་བརླབས་ནས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆ་རེ་རེ་ལས་ཀྱང་མཆོད་ པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་ཕྱོགས་ཀུན་གྱི་གཞི་རྒྱས་པར་འགངས་པ། མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ [127B] །སྙམ་པ་འདི་ལྟ་སྟེ། ཀུན་ཏུ་སྤྱོད་པའི་ལུས་རྒྱ་མཚོའི་སྤྲིན་མ་འདྲེས་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་ དུ་མེད་པ་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའི་ལུས་རྒྱ་མཚོ་སྤྲིན་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་ རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང། འོད་ཟེར་སྟུག་པོ་དང། ཉི་མ་དང། ཟླ་བ་ཐམས་ཅད་ལྟ་བུའི་ལུས་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་ དང། རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་དང། མེ་ཏོག་གི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་སྣང་བ་ཆེན་པོའི་སྙིང་པོ་ཁང་པ་བརྩེགས་པ་རྒྱ་ མཚོ་སྤྲིན་རྣམས་དང། ཕྱེ་མ་དང། ཤིང་ལྗོན་པ་ཐམས་ཅད་ཀྱི་མཛོད་རྒྱ་མཚོ་སྤྲིན་རྣམས་དང། སྤོས་དང། བདུག་པ་ཐམས་ཅད་ཀྱི་གཟུགས་ཀུན་ཏུ་སྟོན་ པ་རྒྱ་མཚོ་སྤྲིན་རྣམས་དང། སྒྲ་ཐམས་ཅད་སྒྲོག་པའི་རོལ་མོའི་རྒྱ་མཚོ་སྤྲིན་རྣམས་དང། སྤོས་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། ནམ་མཁའི་ དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་དེ་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་དཔག་ཏུ་མེད་པ། གྲངས་མེད། བསམ་གྱིས་མི་ཁྱབ་ [128A]༄༅། །གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ། མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ་།མཆོད་པར་བྱའོ། །ཡུལ་ཐམས་ཅད་དུ་བཀོད་པ་རྣམ་པར་སྣང་བར་བྱས་པའི་སྙིང་པོ་ ཅན་གྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་ མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཐམས་ཅད་ཀུན་ཏུ་སྣང་བའི་ནོར་བུ་རིན་པོ་ཆེའི་ཆར་འབབ་པ་བཀོད་ པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་བ་དང་ལྡན་པ། སངས་རྒྱས་ལ་ངེས་པར་གྱུར་པའི་དབྱངས་ཀྱི་ ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ཏུ་སྒྲས་འགེངས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱངས་ཅན་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་ ཀུན་ནས་སྒོ་རིན་པོ་ཆེ་འོད་ཟེར་གྱིས་སངས་རྒྱས་ཀྱི་སྤྲུལ་པ་སྣང་བར་བྱེད་པ་རྒྱ་མཚོ་སྤྲིན་རྣམས་དང། འཁོར་གྱི་དཀྱིལ་འཁོར་མ་འདྲེས་པ་རྣམས་སུ་བཀོད་ [128B]རྒྱ་མཚོ་སྤྲིན་རྣམས་དང། འོད་འཕྲོ་བ་སྒྲོན་མ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ནོར་ བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་རྣམས་སུ་དེ་བཞིན་གཤེགས་པའི་གཞལ་མེད་ཁང་སྣང་བ་ཀུན་ཏུ་སྟོན་པའི་ ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྡུལ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་སྣང་བ་རྣམ་པར་སྣང་བར་བྱེད་པའི་ ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ སྤྲིན་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །རིན་པོ་ཆེ་དང། སྤོས་དང། མེ་ཏོག་སྣ་ཚོགས་ཀྱི་ཁང་པ་བརྩེགས་ པ་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་ རྣམས་དང། རིན་པོ་ཆེའི་སྒྲོན་མ་དང། སྤོས་ཀྱི་འོད་འཕྲོ་བ་ཅན་གྱི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་ཐམས་ཅད་ཀྱིས་རྣམ་པར་སྤྲས་ [129A]༄༅། །པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། མེ་ཏོག་ཐམས་ཅད་ཀྱི་ཟེ་བརྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་ཕྲེང་བ་མཐའ་ ཡས་པས་ལེགས་པར་བརྒྱན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་ཕྱོགས་བཅུ་ཀུན་ཏུ་ འོད་ཟེར་སྣང་བའི་སྙིང་པོ་ཅན་བཀོད་པ་ཐམས་ཅད་ཡང་དག་པར་འདུ་བའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་ཕྲ་ རབ་ཀྱིས་རབ་ཏུ་བརྒྱན་པ་བཀོད་པ་དུ་མ་ཀུན་ཏུ་སྟོན་པ་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་ཏུ་རྒྱས་ པར་འགེངས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་སྒོ་ཀུན་ཏུ་མེ་ཏོག་གི་རྟ་བབས་དྲིལ་བུའི་དྲ་བ་དབྱངས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་ དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ་།བླ་མར་བྱའོ། །རི་མོར་ བྱའོ༑ ༑མཆོད་པར་བྱའོ། །གསེར་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཚོང་ཚོང་དང། ཕྲེང་བ་དང། རིན་པོ་ཆེའི་མགུལ་གདུབ་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་ [129B] མེ་ཏོག་ལྟར་སྣང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཨནྡ་རྙིལ་དང། འཛམ་བུ་ཆུ་བོའི་གསེར་གྱི་པདྨ་སྣ་ཚོགས་ ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་ནོར་བུ་རིན་པོ་ཆེའི་སྒྲོན་མའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་སྣང་གསལ་ རྒྱལ་མཚན་གྱི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེས་བརྒྱན་པའི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་ སྤྲིན་རྣམས་དང། ཨནྡ་རྙིལ་མཛེས་པར་འབར་པའི་འོད་ཟེར་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། འོད་ཟེར་འབར་བ་ཟད་མི་ ཤེས་པའི་གཟི་བརྗིད་དང་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འབར་བ་ཐམས་ཅད་འབྱུང་བའི་པདྨའི་སྙིང་པོ་ཅན་གྱི་ སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འབར་བ་མཆོག་དམ་པ་ཐམས་ཅད་འབྱུང་བའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སངས་ རྒྱས་ཀྱི་གསུང་སྒྲའི་འོད་ཟེར་དང་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ [130A]༄༅། །ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ་།མཆོད་པར་ བྱའོ༑ ༑སྤོས་དང། ནོར་བུ་སྣ་ཚོགས་པ་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ནས་སྒོ་ལོ་མ་ལས་ཐལ་མོ་སྦྱར་བའི་སྤྲིན་འབྱུང་བའི་སྤོས་ ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། ཤིང་ལྗོན་པ་ཐམས་ཅད་ཀྱི་གཟུགས་མཐའ་ཡས་པ་བཀོད་པ་ཀུན་ཏུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་ མེ་ཏོག་ཐམས་ཅད་ཀྱི་སྤྲིན་རབ་ཏུ་འཕྱང་བའི་སྤྲིན་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ཅད་འབྱུང་བའི་མཛོད་མཐའ་ཡས་པ་དང་ལྡན་པའི་ ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་འོད་འཕྲོ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་སྣང་བར་བྱེད་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་ བྱང་ཆུབ་སེམས་དཔའི་ལུས་ཕྱེད་ཙམ་ན་ཐམས་ཅད་ཀྱི་ཕྱེ་མར་ཀུན་ཏུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། བྱང་ཆུབ་ཀྱི་སྙིང་པོ་ཐམས་ཅད་ཀྱི་ བཀོད་པ་བསམ་གྱིས་མི་ཁྱབ་པའི་འོད་ཅན་གྱི་ཤིང་ལྗོན་པའི་རིན་པོ་ཆེའི་གོས་ཐམས་ཅད་ཀྱི་མཛོད་ཉི་མ་ལྟར་སྣང་བར་བྱས་པ་དང་ལྡན་པའི་ཤིང་ལྗོན་པ་རྒྱ་མཚོ་ [130B] སྒྲ་དབྱངས་ཐམས་ཅད་སྒྲོག་པ་ཡིད་དུ་འོང་བའི་དབྱངས་ཀུན་ཏུ་གཏོང་བའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཁ་དོག་མཐའ་ཡས་ པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ཏུ་མངོན་པར་ཕྱོགས་པའི་ནོར་བུའི་རྒྱལ་པོ་སྣང་བར་བྱེད་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་ མཚོ་སྤྲིན་རྣམས་དང། རྒྱན་བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་རིན་པོ་ཆེ་སྣ་ཚོགས་འོད་འཕྲོ་བའི་ སྒྲོན་མའི་ཕྲེང་བའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ནས་སྒྲ་རིན་པོ་ཆེའི་ཤིང་ལྗོན་པ་འབྱུང་བའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་ རྣམས་དང། སྤོས་དང་མེ་ཏོག་དང་པདྨ་ཐམས་ཅད་ཀྱི་ཕྲེང་བ་རིན་པོ་ཆེའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་གདན་ བཀོད་པ་ཀུན་ཏུ་སྟོན་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ཅད་ཀྱི་ཕྲེང་བ་རབ་ཏུ་དཔྱངས་པའི་རྟ་ བབས་སྟེགས་བུས་རབ་ཏུ་བརྒྱན་པ་རིན་པོ་ཆེའི་སྤྲིན་གྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེའི་ཡལ་ག་དང། ཕྱེ་མའི་མཛོད་ཡོད་ [131A]༄༅། །པའི་སྡོང་པོ་ཐམས་ཅད་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སྤོས་སྣ་ཚོགས་དང། རིན་པོ་ཆེའི་དྲིལ་བུ་གཡེར་ ཀའི་དྲ་བ་ཀུན་ནས་བརྒྱན་པ་ཉིད་སྣང་བར་བྱེད་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། རི་མོར་བྱའོ། །མཆོད་པར་བྱའོ། །ཡིད་བཞིན་གྱི་ནོར་ བུའི་རྒྱལ་པོ་ཐམས་ཅད་ཀྱི་གཞལ་མེད་ཁང་རྒྱ་མཚོ་སྤྲིན་རྣམས་དང། ཨནྡ་རྙིལ་གྱི་ཟེ་བ་ཅན་གྱི་མེ་ཏོག་བཀོད་པ་ཐམས་ཅད་ཀྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་ དང། སྤོས་དང། ནོར་བུ་ཐམས་ཅད་ཀྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འོད་འཕྲོ་བའི་སྒྲོན་མའི་གཟུགས་ཀྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ ཀྱི་རྫུ་འཕྲུལ་རྣམ་པར་སྟོན་པར་སྣང་བའི་དབྱངས་ཅན་གྱི་ནོར་བུའི་རྒྱལ་པོའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་སྣ་ཚོགས་ཀྱི་གོས་བཀོད་པ་ཐམས་ཅད་སྣང་བ་ ཀུན་ཏུ་སྟོན་པའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། མེ་ཏོག་ཐམས་ཅད་ཀྱི་ཆུ་བོ་འབར་བར་སྣང་བའི་རིན་པོ་ཆེའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། དྲིལ་བུ་སྣ་ཚོགས་ [131B]མཚོ་སྤྲིན་རྣམས་དང། པདྨ་འབར་བ་ཁ་དོག་མཐའ་ཡས་པ་སྣ་ཚོགས་སུ་སྣང་བའི་ནོར་བུའི་སྙིང་པོ་ཅན་གྱི་ པདྨའི་དྲ་བའི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། གསེར་གྱི་དྲ་བ་ཅན་གྱི་འོད་ཟེར་སྣང་བའི་རྒྱལ་མཚན་གྱི་བླ་རེ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་བསམ་གྱིས་མི་ ཁྱབ་པར་སྣང་བའི་འོད་ཟེར་མཐའ་ཡས་པ་བཀོད་པ་ཐམས་ཅད་ཀྱི་རྒྱན་བླ་རེ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་གྱི་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ་།རི་མོར་བྱའོ། །མཆོད་པར་བྱའོ།། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ལ་རིན་པོ་ཆེ་བཅུའི་འོད་ ཟེར་སྣང་བ་བཀོད་པའི་མེ་ཏོག་གི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་ཁ་དོག་མཐའ་ཡས་པའི་མཛོད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེའི་སྒོའི་སྒྲའི་ནོར་བུའི་རྒྱལ་པོའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོ་བའི་གདུགས་ [132A]༄༅། །རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་རྡུལ་ཀུན་ཏུ་སྣང་བས་རབ་ཏུ་བརྒྱན་པའི་དྲིལ་བུའི་དྲ་བ་དཔྱངས་པའི་གདུགས་རྒྱ་མཚོ་ སྤྲིན་རྣམས་དང། ནོར་བུ་ཐམས་ཅད་ཀྱི་སྡོང་བུ་ཡལ་གའི་རྒྱན་གྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། ཉི་མ་རྣམ་པར་སྣང་བར་བྱེད་པའི་འོད་འཕྲོ་བའི་ནོར་ བུའི་རྒྱལ་པོ་དང། སྤོས་དང་བདུག་པ་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། ཙནྡན་གྱི་ཕྱེ་མའི་མཛོད་ཀུན་ཏུ་རྒྱས་པར་འགེངས་པའི་གདུགས་རྒྱ་ མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་སྣང་བར་བྱེད་པ་ཀུན་ཏུ་བཀོད་པ་རྒྱས་པར་འགེངས་པའི་གདུགས་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །རིན་པོ་ཆེ་ ཐམས་ཅད་སྣང་བའི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་གཟུགས་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་མ་འདྲེས་ པ་རྣམས་དང། མེ་ཏོག་གི་སྤྲིན་སྣང་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་སངས་རྒྱས་ཀྱི་སྤྲུལ་པའི་ [132B]དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གཏོགས་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ ནས་སྒོ་སངས་རྒྱས་ཀྱི་ཡུལ་སྒྲོག་པ་རིན་པོ་ཆེའི་ཡལ་གའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། བཻཌཱུརྱ་དང། རིན་པོ་ཆེའི་རིགས་དང། ནོར་བུ་རིན་པོ་ ཆེའི་རིགས་དང། ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། སེམས་ཅན་གྱི་གཟུགས་མཐའ་ཡས་པ་དག་སེམས་ཀྱི་སྐད་ ཅིག་ལ་ཀུན་ཏུ་སྟོན་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལས་བྱུང་བ་ཡིད་དུ་འོང་བའི་སྒྲ་རབ་ཏུ་འབྱིན་པ་ དང་ལྡན་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སེམས་ཅན་འདུལ་བའི་དབྱངས་ཅན་ནོར་བུའི་རྒྱལ་པོའི་ འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ་།བླ་མར་བྱའོ། །རི་མོར་བྱའོ། ། མཆོད་པར་བྱའོ། །ནོར་བུ་ཐམས་ཅད་ཀྱི་མཛོད་ཀྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་།སྒྲ་དང། དྲི་དང། རོ་དང་རེག་བྱའི་ [133A]༄༅། །འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་ ཆོས་སྒྲོག་པ་རྒྱས་པར་འགེངས་པའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཞིང་བཀོད་པ་ཐམས་ཅད་སྣང་བར་བྱེད་པའི་འོད་ཟེར་རྒྱ་མཚོ་སྤྲིན་ རྣམས་དང། མེ་ཏོག་གི་ཁང་པ་བརྩེགས་པ་ཐམས་ཅད་ཀྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་གྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་ བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྒྲོག་པ་ཅན་གྱི་འོད་ཟེར་རྒྱ་མཚོ་ སྤྲིན་རྣམས་དང། རིན་པོ་ཆེ་མི་ཟད་པ་ཐམས་ཅད་བསྟན་པ་དང་མེ་ཏོག་ཐམས་ཅད་ཀྱི་ཟེ་བའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་ཁྲི་སྟན་བཀོད་པ་ཐམས་ ཅད་ཀུན་ཏུ་སྟོན་པའི་འོད་ཟེར་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་ བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །རིན་པོ་ཆེའི་འོད་འཕྲོ་བ་ཁ་དོག་མཐའ་ཡས་པ་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་དང་ཀུན་ཏུ་འོད་ཀྱི་ནོར་བུའི་རྒྱལ་པོ་ [133B] སངས་རྒྱས་ཐམས་ཅད་ཀྱི་ཞིང་རྒྱ་ཆེན་པོ་བཀོད་པ་སྣང་བར་བྱེད་པའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སྤོས་ཐམས་ ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་འོད་འཕྲོ་བ་རྒྱ་ མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཟེ་བ་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། གོས་ཐམས་ཅད་ཀྱི་འོད་འཕྲོ་བརྒྱ་མཚོ་སྤྲིན་རྣམས་དང། བྱང་ ཆུབ་སེམས་དཔའ་མཐའ་ཡས་པའི་སྤྱོད་པ་དབྱངས་ཅན་ནོར་བུའི་རྒྱལ་པོའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་གི་སྒྲོན་མ་ཐམས་ཅད་ཀྱི་འོད་འཕྲོ་ བ་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དག། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་གྱི་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་བུ་བྱའོ། །བླ་མར་ བྱའོ། །རི་མོར་བྱའོ་མཆོད་པར་བྱའོ། །སྤོས་དང་མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་རྒྱ་མཚོ་སྤྲིན་བསམ་གྱིས་མི་ཁྱབ་པ་རྣམས་དང། རིན་པོ་ཆེ་འོད་འཕྲོ་བ་ཐམས་ ཅད་ཀྱི་པདྨའི་དྲ་བ་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ [134A]༄༅། །དང་ལྡན་པའི་མུ་ཏིག་གི་མཛོད་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་དང། སྤོས་དང། ཙནྡན་ཐམས་ཅད་ཀྱི་ ཕྱེ་མ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུའི་རྒྱལ་པོ་ཡིད་དུ་འོང་ཞིང་ སྡུག་པ་མཛེས་པའི་དབྱངས་ཅན་རྒྱ་མཚོ་སྤྲིན་རྣམས་དང། །ཉི་མའི་འོད་ཀྱི་ནོར་བུའི་ཚོགས་ཀྱི་ཕྲེང་བ་རྒྱ་མཚོའི་སྤྲིན་རྣམས་དང། རིན་ པོ་ཆེའི་མཛོད་མཐའ་ཡས་པ་རྒྱ་མཚོ་སྤྲིན་རྣམས་དང། ཐམས་ཅད་ཀུན་ཏུ་བཟང་པོའི་ལུས་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་སངས་ རྒྱས་དང། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་གྱི་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། ། མཆོད་པར་བྱའོ། །ཞེས་དེ་ལྟ་བུའི་སྨོན་ལམ་བཏབ་ནས་ཀླུའི་རྒྱལ་པོ་དེ་དག་གི་ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ བ་བྱས་ཏེ་ཞབས་ལ་ཕྱག་འཚལ་བ་དང། བཅོམ་ལྡན་འདས་ཀྱིས་གནང་ནས་རང་རང་གི་སྟན་ལ་འཁོད་དོ། །དེའི་ཚེ་སྟོང་ [134B]ལྡོག་པའི་སྨོན་ལམ་གྱི་སྟོབས་ཅན་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་ འཁོར་གདུགས་ལྟ་བུའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལ་མཆོད་པ་དང། ཕྱག་བྱ་བ་དང། བསྙེན་བཀུར་བྱ་བ་དང། ཆོས་ཉན་པའི་ཕྱིར་འཛམ་བུའི་ གླིང་འདིར་འོངས་སོ། །དེ་ནས་ཀླུའི་རྒྱལ་པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་སྟན་ལས་ ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་བ་དང་ བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་ [135A]༄༅། །བཀའ་སྩལ་ཏོ། །ཀླུའི་བདག་པོ། །ཅི་དང་ཅི་འདོད་པ་དྲིས་ཤིག་དང། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་ རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་ དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་ རྒྱུན་ཆད་པར་འགྱུར། །བདེ་བ་ཐམས་ཅད་དང་ལྡན་པ་དང། རབ་ཏུ་དགའ་བར་འགྱུར། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འགྱུར་ རྩྭ་དང། ཤིང་གེལ་བ་དང། སྨན་དང། ནགས་ཚལ་ཐམས་ཅད་འཁྲུངས་པར་འགྱུར། འབྲུ་ཐམས་ཅད་སྐྱེ་བར་འགྱུར། བཅུད་ཐམས་ཅད་ཡང་དག་པར་ སྐྱེ་བར་འགྱུར། གང་གིས་འཛམ་བུའི་གླིང་གི་མི་རྣམས་བདེ་བ་དང་ལྡན་པར་འགྱུར། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་ པོ་གཡོག་མཐའ་ཡས་རྒྱ་མཚོ་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།ཀླུའི་བདག་པོ། ཁྱོད་ [135B] བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ། །ལེགས་སོ། །ཀླུའི་ བདག་པོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཀླུའི་བདག་པོ། ཆོས་གཅིག་དང་ལྡན་ན་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་ བསྔལ་ཐམས་ཅད་རྒྱུན་ཆད་པར་འགྱུར། བདེ་བ་དང་ལྡན་པར་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱམས་པའོ། །ཀླུའི་བདག་པོ། བྱམས་པ་ དེ་ལ་གནས་པའི་ལྷ་དང། མི་རྣམས་ནི། །མེས་མི་འཚིག། མཚོན་གྱིས་མི་ཚུགས། ཆུས་མི་འཁྱེར། དུག་གིས་མི་ཚུགས། ཕ་རོལ་གྱི་དམག་པའི་ཚོགས་ཀྱིས་ ཟིལ་གྱིས་མི་ནོན། བདེ་བར་གཉིད་ཀྱིས་ལོག་པར་འགྱུར། བདེ་བར་སད་པར་འགྱུར། རང་གི་བསོད་ནམས་ཀྱིས་ཡོངས་སུ་སྲུང་བར་འགྱུར། །བསོད་ནམས་ ཆེན་པོའི་གཟི་བརྗིད་ཀྱིས་གཟི་ཅན་དུ་འགྱུར། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར། མཛེས་པ་དང། མཐོང་ན་དགའ་བར་འགྱུར། འགྲོ་བ་ ཐམས་ཅད་དུ་ཐགས་ཐོགས་མེད་པར་འགྱུར། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པ་དང། རབ་ཏུ་དགའ་བར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པ་དང། མིའི་ཆོས་ [136A]༄༅། །བླ་མ་རྟོགས་ནས་ལུས་ཞིག་པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ། ལྷ་དང་མིའི་བྱམས་པ་ལ་ གནས་པ་རྣམས་ཀྱི་ཕན་ཡོན་ནི་འདི་དག་གོ་ཀླུའི་བདག་པོ། དེ་བས་ན། བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལས་དང་བྱམས་ པའི་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ། །ཀླུའི་བདག་པོ། གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་བརྗོད་པར་བྱ་སྟེ་དེས་ཀླུ་ཐམས་ ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བ་ཐམས་ཅད་སྦྱིན་པར་བྱེད། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་ པར་བྱེད། རྩྭ་དང། ཤིང་གེལ་བ་དང། སྨན་དང། ནགས་ཚལ་དང། ལོ་ཏོག་ཐམས་ཅད་སྐྱེ་བར་བྱེད་དོ། །ཀླུའི་བདག་པོ། དེ་ལ་བདེ་བ་ཐམས་ ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། དྷ་ར་ནི་དྷ་ར་ནི། ཨུཏྟ་ར་ནི། སཾ་པྲ་ཏིཥྛི་ཏེ། བའི་ཛ་ཡ་བརྞ། སད་ཏྱ་བྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་བ་ཏི། ཨུད་ དེ་བཱ་ད་ནི། བཧི་ནཱ་མ་ནི། ཨ་བཧི་ཥེ་ཙ་ནི། ཨ་བཧི་བྱ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་དུ། ཨེ་ཧི་ཀུམ་པ་ལ་ནི། བ་ཧ་ཧཱ་ར་ཀླེ་ཤ་ན། དཧུ་ན་པཱ་པཾ། ཤོ་དྷ་ཡེ་མརྒན། ནིར་ཏི་ཀ། དྷརྨ་ཏཱ་ [136B] ལོ་ཀ་བི་ཏི་མའི་ར་རཱ་ཛ་ས་དུ་ཁཱ་ཤ་མ་ནཱ་སརྦ་བུདྡྷ་ཨ་བ་ལོ་ཀ་ནཱ་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྙཱ་པི་སཱཧཱ། ཀླུའི་བདག་པོ། གཟུངས་ཀྱི་ཚིག་དོན་ཐམས་ཅད་སྒྲུབ་པར་ བྱེད་པ༑ ཆོས་ཀྱི་སྐུ་ལ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ། བདེ་བ་ཐམས་ཅད་སྦྱིན་པ་འདི་དག་གཟུང་བར་བྱ་བརྗོད་པར་བྱའོ། །ཀླུའི་ བདག་པོ། །གཞན་ཡང་སྤྲིན་གྱི་རིགས་ལས་འབྱུང་བའི་བྱིན་གྱིས་བརླབས་བཀོད་པ་གཟི་བརྗིད་ཀྱི་སྙིང་པོ་སྤྲུལ་པར་སྣང་བར་བྱེད་པ། ཡེ་ཤེས་ཀྱི་ཏོག་གི་ཆུའི་ རྒྱུན་གྱི་སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན་པ་གསེར་གྱི་འོད་ཟེར་རྣམ་པར་སྣང་བར་བྱེད་པ། སྐྲའི་རྩེ་མོའི་ཆ་ཤས་གཅིག་ལས་བྱུང་བའི་རུས་དང། རིགས་ ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་གཟུང་བར་བྱ། ཡིད་ལ་བྱའོ། །དེ་དག་གིས་ཀླུ་ཐམས་ཅད་དང། ཀླུའི་རིགས་ཐམས་ཅད་དང་ཀླུའི་རུས་ཐམས་ ཅད་དང། ཀླུའི་ཆོ་རིགས་ཐམས་ཅད་དང། ཀླུའི་འབྱུང་བ་ཐམས་ཅད་དང། ཀླུའི་སྐྱེ་གནས་ཐམས་ཅད་དང། ཀླུའི་རྒྱལ་པོ་ཐམས་ཅད་དང། ཀླུའི་བུ་མོ་ཐམས་ ཅད་དང། ཀླུའི་གཡོག་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་གཅོད་པར་བྱེད། བདེ་བའི་ཡོ་བྱད་ཐམས་ཅད་སྒྲུབ་པར་བྱེད་དོ་།ཀླུའི་བདག་པོ། །དེ་ལ་ [137A]༄༅། །དེ་བཞིན་གཤེགས་པའི་མཚན་དེ་དག་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་རིགས་ལས་བྱུང་བ་སྤྲིན་གྱིས་རྣམ་པར་མཛེས་པ་ལ་ཕྱག་ སྙིང་པོ་ཅན་གྱི་སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་རིགས་ལས་བྱུང་བ་སྤྲིན་གྱིས་རྣམ་པར་མཛེས་པ་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ་འཛིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ལྡན་ སྤྲིན་གྱི་གཟི་བརྗིད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་རླུང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་ མཁའ་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་གློག་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་མཐུ་རྩལ་དཔའ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་མཛེས་ལ་ཕྱག་འཚལ་ [137B] །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུད་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་དཀྱིལ་ འཁོར་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་འོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ སྤྲིན་ཆེན་སེངྒེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་གདུགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་བལྟ་སྡུག་སྤྲིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོས་ཁེབས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་སྤྲིན་ལས་བྱུང་བ་སྣང་བར་བྱེད་པའི་དཀྱིལ་འཁོར་ཕྱོགས་བཅུ་མཐོ་འགེབས་རྔའི་སྒྲ་དབྱངས་ཤིན་ཏུ་རབ་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བསིལ་འབྱུང་མི་དགའ་རབ་འཇོམས་སྒྲ་ཟབ་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་སྤྲིན་ཆེན་གདའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་གངྒཱའི་ཆུ་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ [138A]༄༅། །རྩལ་གྱི་སྤྲིན་ལྟར་དཔའ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲ་བསྒྲགས་པ་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཀུན་ཏུ་སྟོན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྒྱ་ཆེན་ པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་འཛག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ ལྟར་རྣམ་པར་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་འཕགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་སྤྲིན་ལྟ་བུའི་ན་བཟའ་མནབས་པ་ལ་ཕྱག་འཚལ་ལོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱིས་ལོ་ཏོག་བསྐྱེད་ལ་ཕྱག་འཚལ་ ལོ༑ ༑བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་གནས་ལ་གནས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆེར་སྤྲིན་གྱི་སྤྲིན་ ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་འདུ་བར་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྣམ་ [138B] །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་ཨུཏྤ་ལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ སྤྲིན་ཆེན་སྤོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འཕགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་སྤྲིན་ཆེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འོད་མཛད་ལ་ཕྱག་འཚལ་ལོ་།བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྤྲིན་ལྟ་བུ་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ ཆུ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དུས་མ་ཡིན་ པའི་སྤྲིན་དང་ལྕེ་འབབ་པ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ལྟར་ནམ་མཁའ་མཐོ་ནས་བསྒྲགས་ [139A]༄༅། །པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སྒ་འབྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ འདས་དེད་བཞིན་གཤེགས་པ་སྤྲིན་ཆེན་ཆར་ཆུ་སྐྱེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྙམས་པའི་གཟི་བརྗིད་སྒྲུབ་པའི་ སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རོ་བྲོ་བ་དྲུག་དང་ལྡན་པའི་ཆུ་ཆེན་པོའི་སྤྲིན་ལ་ཕྱག་འཚལ་ལོ་།བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཆུ་འཐོར་སྤྲིན་ཆེན་ལ་ཕྱག་འཚལ་ལོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱ་མཚོ་འགེངས་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་མི་འབབ་པ་ན་སྤྲིན་གྱིས་ཀུན་ཏུ་འགེབས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ། འཛམ་བུའི་སྤྲིན་གྱི་དཔལ་གྱི་གཟི་བརྗིད་འོད་མཛད་པ་སྤྲིན་གྱི་འོད་ཟེར་ཅན་རྣམས་ལ་ཕྱག་འཚལ་ [139B] ༑ཀླུའི་བདག་པོ། དེ་བཞིན་གཤེགས་པའི་མཚན་འདི་དག་བརྗོད་པས་ཀླུ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང། བདེ་བ་ཐམས་ ཅད་དང་ལྡན་པ་དང། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་པའི་རྒྱུན་འབབ་པ་དང། རྩྭ་དང། ཤིང་གེལ་བ་དང། སྨན་དང་ནགས་ཚལ་དང་ ལོ་ཏོག་ཐམས་ཅད་སྐྱེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཀླུའི་བདག་པོ་གཡོག་མཐའ་ཡས་རྱྒ་མཚོའི་སྤྲིན་བཀོད་ པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ན་འཛམ་བུའི་གླིང་ འདིར་ཆར་མི་འབབ་པའི་ཚེ་གང་དག་བརྗོད་ན། ཆར་གྱི་རྒྱུན་ཆེན་པོ་འབབ་པར་བགྱིད་པ་དང། མི་བཟད་པའི་དུས་ཀྱི་ཚེ་དང། གནོད་པ་འབྱུང་བའི་དུས་ཀྱི་ཚེ་ དང། ཆོས་མ་ལགས་པས་སྐྱེ་བོ་འཐབ་པའི་དུས་ཀྱི་ཚེ་དང། ཡམས་ཀྱི་ནད་དང་གནོད་པ་འབྱུང་བའི་དུས་ཀྱི་ཚེ་དང། ནད་དང་འཆི་བའི་དུས་ཀྱི་ཚེ་དང་ སྐར་མ་མ་རུངས་པ་གནས་པའི་དུས་ཀྱི་ཚེ་ཡམས་ཀྱི་ནད་དང། འཚེ་བ་དང། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། དེ་ལྟར་བུའི་གཟུངས་ཀྱི་གསང་སྔགས་ [140A]༄༅། །ཀྱི་གཞི་རྣམས་བཤད་དུ་གསོལ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་པར་གསོལ། གང་དག་ཀླུ་ཐམས་ཅད་ ལ་ཡང་དག་པར་སྐུལ་མ་འདེབས་པར་འགྱུར་བ་དང། ལྷ་ཐམས་ཅད་རབ་ཏུ་དགའ་བར་འགྱུར་བ་དང། བདུད་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་ བ་དང། སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་འཇིག་པར་འགྱུར་བ་དང། གནོད་པ་ཐམས་ཅད་ཟློག་པར་འགྱུར་བ་དང། ཞི་བ་དང་ བདེ་ལེགས་སུ་འགྱུར་བར་བགྱིད་པ་དང། རྒྱུ་སྐར་མ་རུངས་བས་བགྱིས་པ་རབ་ཏུ་ཞི་བར་འགྱུར་བ་དང། བཅོམ་ལྡན་འདས་ཀྱིས་ཆར་པའི་བར་ཆད་ ལྔ་གསུངས་པ་གང་ལགས་པ་དེ་དག་ཐམས་ཅད་སེལ་བར་འགྱུར་བ་དང་ལྡན་པས་བཤད་དུ་གསོལ། བཅོམ་ལྡན་འདས། བདག་དེ་བཞིན་འགྱུར་བ་དེ་ལྟ་ བུའི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བཅོམ་ལྡན་འདས་མཆོག་ཏུ་ཐུགས་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པར་ཐུགས་བརྩེ་བ་ དང་ལྡན་པས་བཤད་དུ་གསོལ། བཅོམ་ལྡན་འདས། བདག་དེ་བཞིན་གཤེགས་པ་ལ་གསོལ་བ་འཚལ་ལོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་ [140B]བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་ བདག་པོ། ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང། ཕན་པ་དང་བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་ལེགས་སོ་ལེགས་སོ། །ཀླུའི་བདག་ པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་སྙིང་རྗེ་ཆེན་པོ་ལས་བྱུང་བ་འབྲུག་ཆེན་པོའི་སྒྲ་ཅན་བསྒྱིངས་པ་དཔའ་བའི་ཏོག་ཅེས་བྱ་ བའི་གཟུངས། སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་ རང་བ་བཤད་པར་བྱ་སྟེ། དེ་ནི། ཆར་མེད་པའི་ཚེ་ཆར་འབེབས་པར་བྱེད། ཆར་ཆེས་ན་གཅོད། འཆི་བའི་གནོད་པ་རབ་ཏུ་ཞི་བར་བྱེད། ཀླུ་ཐམས་ཅད་ ལ་སྐུལ་བར་བྱེད། ལྷ་ཐམས་ཅད་སིམ་པར་བྱེད། བདུད་ཐམས་ཅད་རྣམ་པར་འཇོམས་པར་བྱེད། སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་ པར་བྱེད་དོ། །ཏདྱ་ཐཱ། མ་ཧཱ་ཛྙཱ་ན། ཨ་བ་བྷཱ་ས་ནི་ཤཱི་ཏེ་ཛོ་ལ་གསྨི་ཊི་ཊ་བི་ཀྲ་མཱ། བཛྲ་སཾ་ཧཱ་ཏ་ནེ། པ་ར་མ་བི་ར་ཛ། ནིརྨ་ཀུ་ན་ཀེ་ཏུ་སཱུརྱ་པྲ་བཧེ། བི་མ་ལཾ་ག་ཡིཥྚ་ [141A]༄༅། །བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། དུ་དུ་མ་བུ། ཧ་ན་ཧ་ན། མ་ཧཱ་པྲ་བཧེ་བིཾ་དྷཱུ་ཏ་མ་ཧཱ་མོ་ཧ་ཨཾ་དྷ་ཀཱ་ར་པྲ་ཛྙཱ་གྲ་ཤུདྡྷེ། པ་རི་པཱུ་ར་ཎ་ མི་ཏྲེ༑ མཻ་ཏྲི་བའི་ར་མ་ན་སྐནྡྷ། མཻ་ཏྲི་མ་བུདྡྷ་རེ། ཛྭ་ལ་ཛྭ་ལ་ཛྭ་ལ། ཛྭ་ལཾ་བུདྡྷ་རེ། ཛྭ་ལཾ་བྷུདྡྷ་རེ། བོ་དྷྱདྒ་ཀུ་སུ་མེ་ད་ཤ་བ་ལེ། ཙ་ཏུ་ར་དུ་བཻ་ཤཱ་ར་དཡེ་ཨཥྚ་ད་ ཤ། ཨ་བེ་ཎི་ཀ་བུདྡྷརྨེ། ཤུ་བྷ་མ་ཏི། པུ་ཎྱ་རཱ་ཤི། ཤུ་ཀླ་དྷརྨ་ས་མ་ནྭི་ཏི། གམྦྷི་རེ། བི་ར་ཛི་སྐེ། བི་མ་ལོ། བི་ཤེ་ཥ། པྲ་པ་ཏེ། ནི་རཱ་པྲ་ བྷ་དྷརྨེ། སརྦ་ལོ་ཀ་ཛྱེཥྛ་ཛྱེཥྛ། པ་ར་པྲ་བ་རེ། ཨ་ནུ་ཏ་ཏ་རེ། ཨ་སངྒེ། དྷ་ར་དྷ་ར། དཧི་རི་དཧི་རི། དཧུ་རུ་དཧུ་རུ། ཤཱནྟ་མ་ཏེ། ཤཱནྟ་མ་ཏེ། ཙ་ར་ཙ་ར། ཙི་རི་ཙི་ཏི་ ཙུ་རུ་ཙུ་རུ། པ་ར་མ་བུདྡྷ་ནུ་མ་ཏེ། མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏེ་སཱ་ཧཱ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་རྒྱ་མཚོ་དང་ལྡན་པ་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་འཛམ་བུའི་གླིང་འདིར་ཆར་དབབ་པའི་ཕྱིར་ཀླུ་ཐམས་ཅད་ཀྱི་སྙིང་པོ་ བརྗོད་པར་བྱའོ། །སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ཆར་པའི་བར་ཆད་བྱེད་པ་ལྔ་བསལ་བར་བྱའོ་།སྱད་ཡ་ཐེ་ད་ན། ས་ར་ [141B] སི་རི་སི་རི། སུ་རུ་སུ་རུ། ནཱ་གཱ་ནཱ་ན། ཛ་བ་ཛ་བ། ཛི་བི་ཛི་བི། ཛུ་བུ་ཛུ་བུ། ཀླུ་ཆེན་པོ་དག་ཚུར་ཤེག་།སངས་རྒྱས་ཀྱི་བདེན་པས། འཛམ་བུའི་གླིང་ འདིར་ཆར་རབ་ཏུ་ཕོབ་ཅིག་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀླུའི་བདག་པོ་ཆེན་པོ་དག་ཚུར་ཤེག་ཀྱེ་ཀླུ་ཆེན་པོ་དང། །སངས་རྒྱས་ཀྱི་བདེན་པས། འཛམ་ བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་བ་ར་བ་ར། བི་རི་བི་རི་བུ་རུ་བུ་རུ། སངས་རྒྱས་ཀྱི་བདེན་པས་ཀླུ་ཐམས་ཅད་དགུག་པར་བྱའོ། །བྱམས་པའི་སེམས་ དང། སྙིང་རྗེའི་སེམས་དང། དགའ་བའི་སེམས་དང། བཏང་སྙོམས་ཀྱི་སེམས་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ དང། བདེན་པ་དང། བསམ་པ་ཆེན་པོས་ཀླུའི་བདག་པོ་ཆེན་པོ་དག་ཚུར་བཤེག་སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་ དཔའི་ཡོན་ཏན་རྣམས་དྲན་པར་གྱིས་ཤིག་བྷ་ར་བྷ་ར། བཧི་རི་བཧི་རི། བཧུ་རུ་བཧུ་རུ། ཆུ་ཆེན་པོའི་ཆུ་དང། སྤྲིན་གྱི་ཆུ་འཆང་བ་ཅན་ལག་གིས་འགྲོ་ཆེན་པོའི་ གཡོག་རྣམས་བྱམས་པའི་སེམས་ཀྱིས་ཚུར་ཤོག་སྟོན་པའི་བསྟན་པ་དམ་པ་དྲན་པར་གྱིས་ཤིག་གྷ་ཊ་གྷ་ཊ། གྷི་ཊི་གྷི་ཊི། གྷུ་ཊུ་གྷུ་ཊུ། དྲག་ཤུལ་ཅན་ཁྲོ་བ་ཤུགས་ [142A]༄༅། །ཆེན་པོ་དང་ལྡན་པ། དུག་ཆེན་པོའི་ལྕེ་འབྱིན་པ་རྣམས་བྱམས་པའི་སེམས་དང་ལྡན་པས་ཚུར་ཤོག་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་ཕོབ་ཅིག་སཱ་ཧ། ཏ་ཊ་ཏ་ཊ། ཏི་ཊི་ཏི་ཊི། ཏུ་ཊུ་ཏུ་ཊུ། ནོར་བུ་རིན་པོ་ཆེའི་ཅོད་པན་ཐོགས་པ་དང་ལྡན་པ། སྦྲུལ་ གདུག་པའི་གཟུགས་ཅན་རྣམས་དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་དྲན་པར་གྱིས་ལ། །རྡོ་རྗེ་འཆང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་ཕོབ་ ཅིག་སཱཧཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཆུ་ཆེན་པོ་ལ་གནས་པ་དང་ལྡན་པ། སྤྲིན་ཆེན་པོ་བརྩེགས་པའི་བཞོན་པ་ལ་ཞོན་ནས་མངོན་ འགྲོ་བ་རྣམས་ཚུར་ཤོག་བྱམས་པའི་སེམས་ཀྱིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཐོང་ཞིག་དེ་བཞིན་གཤེགས་པའི་བདེན་པ་དང། དེ་བཞིན་ གཤེགས་པའི་བྱིན་གྱི་རླབས་ཀྱིས་ལག་ན་རྡོ་རྗེས་བསྒོ་བ། ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ། ལག་གིས་འགྲོ་ཐམས་ཅད་ཁྱེད་རྣམས་གཉིད་ མེད་པར་དུས་གསུམ་གྱི་དེ་བཞིན་གཤེགས་པའི་བདེན་པས་གྷ་མ་གྷ་མ་གྷི་མི་གྷི་མི། གྷུ་མུ་གྷུ་མུ་སཱ་ཧཱ། ཀླུ་ཐམས་ཅད་དགུག་གོ་།བྱམས་པའི་སེམས་ [142B] ནི་རི་ནི་རི། ནུ་རུ་ནུ་རུ་སཱ་ཧཱ། ཡོན་པོ་སྣ་ཚོགས་སུ་གྱུར་པའི་མགོ་སྟོང་པ། མགོ་དང་མིག་དམར་བ་ སྟོབས་ཆེ་བའི་ལྟོ་འཕྱེ་ཆེན་པོ་རྣམས་དགུག་པར་བྱའོ། །ཀྱེ་ཀྱེ་ལག་གིས་འགྲོ་ཆེན་པོ་དག་མཆོག་ཏུ་ཐུགས་རྗེ་ཅན། བསོད་ནམས་ཐམས་ཅད་ཀྱི་གཟི་ བརྗིད་ཀྱིས་བརྗིད་པ། ཉོན་མོངས་པ་དང་བྲལ་བ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དྲན་པར་གྱིས་ཤིག་ག་ཌ་ག་ཌ། གི་ཌི་གི་ཌི་ གུ་ཌུ་གུ་ཌུ་སཱ་ཧཱ། སྟོབས་དང། ཕ་རོལ་གནོན་པ་དང། གཟི་བརྗིད་ཐོགས་པ་མེད་པ་དང་ལྡན་པ་དག་གིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་རྣམས་ ཕོབ་ཅིག་ཤ་ར་ཤ་ར། ཤི་རི་ཤི་རི། ཤུ་རུ་ཤུ་རུ་སཱ་ཧཱ་ཀྱེ་ཀྱེ་ཀླུ་ཆེན་པོ་རྣམས། །རང་རང་གི་རིགས་དང། ཆོ་རིགས་དྲན་པར་གྱིས་ལ་མ་ཤོལ་བར་ ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཕོབ་ཅིག་སཱ་ཧཱ། ཚངས་པའི་བདེན་པའི་བྱིན་གྱི་རླབས་ཀྱིས་འཛམ་ བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། བརྒྱ་བྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་རྒྱལ་པོ་ཆེན་པོ་བཞིའི་བདེན་པས་ [143A]༄༅། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་ཀླུ་ཆེན་པོ་དག་བརྒྱད་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་རྒྱུན་དུ་ཞུགས་པའི་བདེན་པས་འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་ལན་གཅིག་ཕྱིར་འོང་བའི་ བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་ཕྱིར་མི་འོང་བའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་དགྲ་བཅོམ་པའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་རང་སངས་རྒྱས་ཀྱི་ བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུ་ཆེན་པོ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང་བྱིན་གྱི་རླབས་ཀྱིས་འཛམ་བུའི་ གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ལྷ་ཐམས་ཅད་ཀྱི་བདེན་པས་གནོད་པ་ཐམས་ཅད་ཞི་བར་གྱིས་ཤིག་སཱ་ཧཱ། ཀླུ་ཐམས་ཅད་ཀྱི་བདེན་པས་ས་ཆེན་ [143B] གནོད་སྦྱིན་ཐམས་ཅད་ཀྱི་བདེན་པས་སེམས་ཅན་ཐམས་ཅད་སྲུངས་ཤིག་སཱ་ཧཱ། དྲི་ཟ་ཐམས་ཅད་ཀྱི་བདེན་པས་མི་རྣམས་ཀྱི་ འཁྲུག་པ་དང། གནོད་པ་ཐམས་ཅད་སོལ་ཅིག་སཱ་ཧཱ། ལྷ་མ་ཡིན་ཐམས་ཅད་ཀྱི་བདེན་པས་རྒྱུ་སྐར་མ་རུངས་པ་ཐམས་ཅད་རྣམ་པར་ཟློག་ཅིག་སཱ་ཧཱ། ནམ་ མཁའ་ལྡིང་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་བྱམས་པར་བྱོས་ལ་འཛམ་བུའི་གླིང་འདིར་ཆར་ཆེན་པོའི་རྒྱུན་ཕོབ་ཅིག་སཱ་ཧཱ་མིའམ་ཅིའི་ཐམས་ ཅད་ཀྱི་བདེན་པས་སྡིག་པ་ཐམས་ཅད་ཞི་བར་གྱིས་ཤིག་སཱ་ཧཱ་སེམས་ཅན་ཐམས་ཅད་ནི། ཚིམ་པར་གྱིས་ཤིག་སཱ་ཧཱ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་ བདེན་པས་ཡངས་ཤིང་རྒྱ་ཆེ་བའི་ཆར་གྱི་རྒྱུན་ཕོབ་ཅིག་སཱ་ཧཱ། འདིར་ཆར་ལ་སྒྲིབ་པ་ལྔ་པོ་ཡང་དག་པར་ཟུངས་ཤིག་སཱ་ཧཱ། མི་ཐམས་ཅད་ཀྱི་བདེན་པས་མི་ ཐམས་ཅད་ལ་ཡོངས་སུ་སྲུངས་ཤིག་སཱ་ཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། ད་ར་ད་ར། དི་རི་དི་རི། དུ་རུ་དུ་རུ། ན་ཏ་ན་ཏ། ན་ཏི་ན་ཏི། ནུ་ཏུ་ནུ་ཏུ་ ཤིན་ཏུ་མགྱོགས་པར་བཞུད་མ། སྤྲིན་ཆེན་པོའི་ཆུ་འཛིན་མ། སྤྲིན་ལྡན་མ། སྤྲིན་ཆེན་ལྡན་མ། སྤྲིན་ཆེན་ཆུ་འཛིན་མ། སྤྲིན་གསལ་མ། སྤྲིན་འབྱུང་མ་ [144A]༄༅། །དུས་སྤྲིན་མ། སྤྲིན་གྱི་འབྱུང་གནས་མ། སྤྲིན་སྒྲོག་མ་སྤྲིན་བཞུགས་མ། སྤྲིན་གྱི་ཅོད་པན་ལྡན་མ། སྤྲིན་གྱི་ཕྲེང་བ་ མངའ་མ། སྤྲིན་གྱིས་རྣམ་པར་བརྒྱན་མ། སྤྲིན་བཅིབས་མ། སྤྲིན་ལ་གནས་བཅས་མ། སྤྲིན་གྱི་སྙིང་པོའི་སྤྲིན་གྱི་རལ་པ་ཅན། སྤྲིན་འོད་མ་ སྤྲིན་གྱི་འཁོར་ལྡན་མ། རྒྱ་ཆེན་སྤྲིན་བཞུགས་མ། མཆོད་ཕྱིར་སྤྲིན་ཐོགས་མ། ལོ་ཏོག་འོངས་སྒྲུབ་མ། རི་སུལ་ན་བཞུགས་མ། ཀླུའི་ཡུམ་ བཅོམ་ལྡན་འདས་མ། སྤྲིན་ཆེན་དཔལ་ལྡན་དཀར་མདོག་ཅན། བསིལ་རེག་མ། ཚུབ་མ་ཆེན་མོ་སྤྱོད་ཡུལ་མ། ཀླུ་ཆེན་རྣམ་པར་རོལ་མཛད་ མ༑ བཅོམ་ལྡན་འདས་མ་བོན་ཏྲ་བཅུད་ཀྱིས་ལེན་དྲུག་འཛིན་མ། སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་དབབ་ཏུ་གསོལ་ སཱ་ཧཱ༑ གྷ་ར་གྷ་ར། གྷི་རི་གྷི་རི། གྷུ་རུ་གྷུ་རུ། གྷི་རི་ཎི་གྷི་རི་ཎི། གྷུ་མ་གྷུ་མ་གྷུ་མ། གྷུ་མ་གྷུ་མ་གྷུ་མ། གྷུ་མ་གྷུ་མ་གྷུ་མ་རི། དབུ་དགུ་དང་ལྡན་མ་ སྤྲིན་ཆེན་ཕྲེང་ལྡན་མ། གློག་ཚོགས་ཕྲེང་ལྡན་མ། ལག་གིས་འགྲོ་ཐམས་ཅད་འཛིན་མ། སྤྲིན་ལྟ་བུའི་ན་བཟའ་མནབས་མ། དུག་དྲག་པོ་ཐམས་ཅད་ [144B] སྤྲིན་བཀོད་པ་ལ་བཅིབས་མ། འབྲུག་སྒྲོག་མ་སྒྲ་སྒྲོག་མ། ཀླུ་ཚོགས་ལེ་སྐུལ་མ། ལྷ་མོ་སྤྲིན་ཆེན་ཕྲེང་ལྡན་མ་ཀླུ་ཐམས་ཅད་ལ་མ་ཤོལ་ བར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཛམ་བུའི་གླིང་འདིར་ཆར་ཕོབ་ཅིག་ཅེས་བསྐུལ་དུ་གསོལ་སཱ་ཧཱ། ཡ་ར་ཡ་ར། ཡི་རི་ཡི་རི། ཡུ་རུ་ཡུ་རུ་ ཛ་ར་ཛ་ར། ཛི་རི་ཛི་རི། ཛུ་རུ་ཛུ་རུ། ཛྷ་ར་ཛྷ་ར། གུ་ཊུ་གུ་ཊུ། གུ་གུ་ཊུ། ག་ཌ་ག་ཌ། གི་ཌི་གི་ཌི། ཧ་ར་ཧ་ར། ཧི་ལི་ཧི་ལི། མུ་ལུ་མུ་ལུ། ཏ་ལ་ཏ་ལ། ཏི་ལི་ཏི་ ལི༑ ཏུ་ལུ་ཏུ་ལུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲིཧྞ། མརྡ་མརྡ། པྲ་མརྡ། པྲ་བ་ར་ཤ་བིགྷ་ནཱན། མཻ་ཏྲེ་ཡ་ཛྙཱ་པ་ཡ་ཏི་སཱ་ཧཱ། བུདྡྷེ་བུདྡྷེ། བུ་བུདྡྷེ་ བུ་བུདྡྷེ། ཧ་ར་པཱ་པཾ། སརྦ་སཏཱ་ནཱན། ཨ་དྷིཥྛི་ཡ་པ་ཎྱ་མ། སརྦ་བུདྡྷ་ནཱན་དྷ་རི་ཎི་དྷ་རེ། ཤུ་བྷ་མ་ཏེ་གུ་ཎཱ་གྲ་པྲ་བཧེ་ཎེ། མ་ཧཱ་ཛྙཱ་ནོ། །ལ་གེ་ཤུ་ཀ་ལ་དྷརྨེ་ས་ཏྱ་ བ་ཏི་ཛྙེ། མ་ཧཱ་ཡ་ནཱ་དྷུཥྛི་ཏྲེ་ལོ་ཀ་ཛྙེཥྠ་བྷ་ག་བ་ཏི། བུདྡྷ་མཻ་ཏྲི་ཨཱ་པཱུ་རཱ་ཡ་སརྦ་ཀཱེ་ཏྲཱ་ཎཱི། ཤུ་ཀླེ་ཤྭེ་ཏཱ་མ། པ་ར་ཛྷ་རེ། པ་ན་ཏ་ར་པ་ས་ནི། དཧུ་དཧུ་རེ་དཧུ་དཧུ་རུ། ཤ་ མ་ཤ་མ། ཤཱནྟ་མ་ན་ས། ཆར་གྱི་བགེགས་ཐམས་ཅད་རྣམ་པར་བསལ་བར་གསོལ་སཱ་ཧཱ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པས་ [145A]༄༅། །བྱམས་པའི་ཐུགས་ཀྱིས་ཡང་དག་པར་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཐུགས་སྐྱོན་མེད་པས་ཀླུ་ཆེན་པོ་རྣམས་ལ་ཡང་དག་ པར་བསྐུལ་ལོ། །ཀླུའི་རྒྱལ་པོ་ཆེན་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་བོ་ལ་ཡང་དག་ པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་བོ་དགའ་བོ་དང་ཉེ་དགའ་བོ་ལ་ཡང་དག་པར་བསྐུལ་ལོ། །འཛམ་ བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་ ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་ བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་ཀླུའི་རྒྱལ་པོ་ཆུ་ལྷ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་འཇོག་བོ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་ཡུལ་ [145B] །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་བསྐུལ་ལོ། །འཛམ་ བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་བཏང་བཟུང་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་ པོ་ས་སྲུང་གི་བུ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་ནུ་ཏ་ལ་ཡང་དག་པར་བསྐུལ་ལོ། །འཛམ་ བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་ སཱ་ཧཱ། ཀླུའི་རྒྱལ་པོ་དཔལ་བཟང་ལ་ཡང་དག་པར་བསྐུལ་ལོ་།འཛམ་བུའི་གླིང་འདིར་འཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་གློག་གི་ཕྲེང་བ་ལ་ཡང་ དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་ཆེན་པོ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་ གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་ཐོགས་པ་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་ [146A]༄༅། །ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ་ དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། །འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ནཱ་གེ་ནཱ་གེ། མ་ཧཱ་ནཱ་གེ་ གྷོ་ར་མ་ན་སེ། ནཱ་ག་ཧྲྀ་ད་ཡ། དཧུ་མཱ་ཀུ་ལེ། ཨུ་གྲ་རོ་ཥེ་པྲ་ཙཎྜ་ཏེ་ཛེ། བི་ཥོ་གྲེ། ཨྵཱི་བི་ཤི་ཨ་ཧི་གོ་རེ། ཀྲི་ཥ་པོངྒ་ལེ། ཙྙྩ་ལེ། ལོ་ལ་ཛི་ཧེ། མ་ཧཱ་ཕ་ ན་ཀ་རེ། ཀཱ་ལ་པཱ་ཤེ། རཽ་ཏྲ་བཱ་སི་ནི། ཌུ་ཌུ་མཱ་བེ། གྷ་ཎ་གྷ་ཎ། ཤི་ཀི་ནཱི། ཀ་ན་ཀ་ན། ག་ཎ་ག་ཎ། མ་ཧཱ་ག་ཎ་ག་ཎེ་པ་ར་པ་ར། པི་རི་པི་རི། པུ་རུ་ པུ་རུ། བི་སྤུ་རྫ་ནེ། བཧུ་རུ་བཧུ་རུ། མ་ཧཱ་བཧོ་གི་མ་ཎི་ད་རེ་ཕི་རི་ཕི་རུ། ཕུ་རུ་ཕུ་རུ། ཕ་ར་ཕ་ར། བརྵ་བརྵ། ཛ་ལམྦུ་ད་ར། ཤམྦུ་ཤམྦུ། བ་ཏ་ཏུ་ཊུ་ མ་མེ༑ དཧུཾ་དཧུཾ། དཧུཾ་དཧུཾ་བེ། མེ་གྷ་པྲ་བཧེ། མེ་གྷ་བྷ་གྷི་ནི། དྷ་ཀ་དྷ་ཀ་ཌྷ་ཀ་དཧུ་དཧུ་མ་བེ། གྷ་ནཱ་གྷ་ནཱ། ཤི་ཀི་ནི། ཀ་ན་ཀ་ན། ག་ཎ་ག་ཎ། མ་ཧཱ་ནཱ་ག་ག་ནེ་ ནི་ར་ཏྲ་ཎྚུ། པ་ཛ་དར་ཀ་རི་མ་ཧཱ་ནཱ་དའི་ད་ཡེ། གྷུ་མ་གྷུ་མ། གྷུ་མ་པཱ་ཡ་ཏི་ཀ། ཛཱཾ་ག་རི་བཧུ་ཛཾ་ག་མེ། བི་ཀ་ཊ་སཾ་ཀ་ཊེ། གོ་རི་བིསྤུ་རྫ་ནི་བཛྲ་བྷ་ཎ། ཀླུ་ཐམས་ཅད་དགུག་ [146B]སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང། བྱམས་པའི་ཐུགས་ཀྱིས་འཛམ་བུའི་གླིང་ འདིར་ཆར་རབ་ཏུ་ཕོབ་ཅིག་སཱ་ཧཱ། ན་མཿ་སརྦ་བུངྡྷེ་བྷྱ་སིངྡྷྱ་ནྟུ་མནྟྲ་པཱ་ད་ནི་སཱ་ཧཱ། འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྟོང་ཕྲག་བརྒྱ་བ་ལས། ཆར་ དབབ་པ་རླུང་གི་དཀྱིལ་འཁོར་ཅེས་བྱ་བའི་ལེའུ་སྟེ་དྲུག་ཅུ་ཙ་བཞི་བའོ།། །།ཆོ་ག་ནི། ཆར་ཆེན་དབབ་པར་འདོད་ན། བླ་གབ་མེད་ བའི་ས་ཕྱོགས་གཙང་མར་བླ་རེ་སྔོན་པོ་བྲེ། བ་དན་སྔོན་པོ་དཔྱང་ངོ། །ཆོས་སྨྲ་བ་ལུས་བཀྲུས་ལ་ཡན་ལག་བརྒྱད་པ་ལ་ཉེ་བར་གནས་ཤིང་གོས་གཙང་མ་སྔོན་ པོ་བསྒོས་ལ་སྤོས་དྲི་ཞིམ་པོས་བསྐུས་ནས་ཟས་དཀར་གསུམ་ཟོས་ལ་སྟན་སྔོན་པོའི་སྟེང་དུ་འདུག་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ། དེ་བཞིན་གཤེགས་པ་ ཐམས་ཅད་ལ་གསོལ་བ་བཏབ་ནས་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཉིན་མཚན་རྒྱུན་མི་འཆད་པར་བཀླག་པར་བྱའོ། །ཆུ་སྔོན་པོས་བཀང་བའི་བུམ་ བ་གང་བ་བཞི་གཞག་པར་བྱའོ། །གཏོར་མ་དང། བདུག་པ་དང། མེ་ཏོག་ཅི་ནུས་ཀྱིས་སྦྱར་རོ། །དེ་ལ་ཆོས་སྨྲ་པས་ཕྱོགས་བཞིར་བའི་ལྕི་བའི་ཁུ་བས་བྲི་བར་ [147A]༄༅། །བྱ་སྟེ། ཤར་ཕྱོགས་སུ་ཁྲུ་གསུམ་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་གསུམ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པའི་ལྕི་བས་ བྲི་བར་བྱའོ། །ལྷོ་ཕྱོགས་སུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ཁྲུ་བདུན་ ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ཁྲུ་དགུ་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་དགུ་པ་ཀླུའི་ གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ཆོས་སྨྲ་པས་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་ སེམས་ཉེ་བར་བཞག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་ན། ཀླུ་རྣམས་དང་དགེ་བའི་རྩ་བ་བགོ་བར་བྱ་སྟེ། འདི་ ནི༑ ཆོ་གའོ། །གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག་ན། ཉིན་ཞག་གཅིག་གམ་གཉིས་ནས་ཉིན་ཞག་ བདུན་ཚུན་ཆད་གདོན་མི་ཟ་བར་ཆར་འབབ་བར་འགྱུར་རོ། །རྒྱ་མཚོ་ནི། དུས་ལས་ཡོལ་ཡང་སྲིད་ཀྱི། ཐུབ་པ་ཆེན་པོའི་གསུང་རབ་ཆར་གྱི་ཆོ་ག་འདི་ནི། གཞན་ [147B] །དེ་ལྟ་མོད་ཀྱི། ཚུལ་ཁྲིམས་དང། ཡོན་ཏན་ལ་གནས་ཏེ། འཆལ་བའི་ཚུལ་ཁྲིམས་དང། ཤ་དང། ཉ་ཤ་ལ་སོགས་པ་ཡོངས་སུ་སྤང་ པར་བྱའོ། །འོ་ཐུག་དང། ཞོ་དང། འོ་མ་དང། འབྲས་ཅན་བུ་རམ་ཅན་ལ་སོགས་པ་དང། མངར་གསུམ་ཟ་ཞིང་བཀླག་པར་བྱའོ། །དེ་ལྟར་ན་འགྲུབ་པར་ འགྱུར་ཏེ། ཐུབ་པའི་རྒྱལ་པོས་གསུངས་པ་བཞིན་དུ་ཐེ་ཚོམ་མེད་པར་བྱའོ། །འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས། ཆར་དབབ་པ་རླུང་གི་ དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དཧི་ དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་